ཧྥ་རན་སི།

སུད་སིའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཞིག་ཕྱིར་བལ་ཡུལ་ལ་བསྐྱལ་འདུག

ཕྱི་ཟླ་༢ པའི་ཚེས་༢༣ ཉིན། སུད་སིའི་ཉིན་རེ་གསར་འགྱུར་དྲ་བའི་Tages Anzeigerསྟེང་སྤེལ་བའི་གནས་ཚུལ་ལྟར་ན། མིང་ལ་གཡང་སྒྲོན་ཆོ་རཱ་ཤར་པ་Yangdon Chorasherpa ཟེར་བའི་བུད་མེད་ཞིག་ཕྱི་ཟླ་༡ པའི་ཚེས་༣༠ ཉིན་སུད་སིའི་སྐྱབས་བཅོལ་ཁང་ཞིག་ནས་འཛིན་བཟུང་བྱས་ཡོད་པ་དང་། ཉིན་གཉིས་ཀྱི་རྗེས་སུ་ཕྱི་ཟླ་༢ པའི་ཚེས་༡ ཉིན་ཁོ་མོ་གནམ་གྲུའི་ནང་ནས་ཕྱིར་བལ་ཡུལ་དུ་བསྐྱལ་ཡོད་འདུག་ལ། ཁོ་མོ་བལ་ཡུལ་དུ་འབྱོར་རྗེས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག རང་ལོ་༢༧ ཡིན་པའི་གཡུ་སྒྲོན་ཆོ་རཱ་ཤར་པ་ནི་༢༠༡༤ ལོ་བལ་ཡུལ་གྱི་ཕྱིར་བསྐྱོད་ལག་ཁྱེར་རྫུན་མ་བཟུང་སྟེ་སུད་སིར་འབྱོར་རྗེས་སྐྱབས་བཅོལ་ཞུས་ཡོད་ནའང་སྐྱབས་བཅོལ་ངོས་ལེན་བྱས་མེད་འདུག གོང་གསལ་གནད་དོན་ཐད་སུད་སིའི་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་ངོ་དེབ་སྟེང་གནས་ཚུལ་སྤེལ་དོན། སུད་སི་གཞུང་གིས་བྱེད་སྟངས་ནི་ཧང་སངས་དགོས་བ་ཞིག་ཡིན་པ་དང་། བལ་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་པས་གཡུ་སྒྲོན་མུ་མཐུད་བཀག་ཉར་བྱེད་ཡོད་ལ། ད་ལྟའི་ཆར་ཁོ་མོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་རེད། ཁོ་མོ་ནི་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་ལ། ཁོ་མོས་སུད་སིའི་ཛུ་རིག་གི་བྱིས་པ་ཚོ་བོད་ཀྱི་སྐད་ཡིག་སློབ་ཀྱི་ཡོད་པ་དང་། ཁོ་མོ་འཛིན་བཟུང་བྱས་རྗེས་ང་ཚོའི་གྲོགས་པོ་དང་ཁྲིམས་རྩོད་པ། ཚོགས་སྡེ་གཞན་བཅས་མཉམ་རུབ་ཀྱིས་ལས་དོན་བསྒྲུབ་ཀྱི་ཡོད་ལ།

ཧྥ་རན་སིའི་རྒྱལ་ཁབ་ཏུ་མདོ་སྨད་ས་གནས་རྒྱུན་ལས་གསར་འཛུགས་གནང་འདུག

ཕྱི་ཟླ་༢ པའི་ཚེས་༡༩ ཉིན། ཧྥ་རན་སིའི་རྒྱལ་ས་ཕེ་རེ་སི་རུ་མདོ་སྨད་ས་གནས་རྒྱུན་ལས་དངོས་སུ་དབུ་བརྙེས་བའི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་མཚོ་སྔོན་པོ་ཟ་ཁང་ནང་དུ་ཚོགས་ཡོད་འདུག་ལ། མཛད་སྒོའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་སྐུ་ཚབ་དོན་གཅོད་དྲུང་ཆེ་ཚེ་རིང་དོན་འགྲུབ་མཆོག་གཙོས། ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ས་གནས་གཞོན་ལྷན་གྱི་སྐུ་ཚབ། ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པའི་སྐུ་ཚབ། དབུས་གཙང་ཆོལ་ཁའི་སྐུ་ཚབ། ས་གནས་ཆུ་བཞི་སྒང་དྲུག་ཚོགས་པའི་སྐུ་ཚབ། བོད་ཀྱི་ཁྱིམ་ཆུང་གི་སྐུ་ཚབ། ཡུམ་བུ་བླ་མཁར་ཐེབས་རྩ་ཚོགས་པའི་སྐུ་ཚབ་བཅས་ཚོགས་སྡེ་བརྒྱད་ཀྱི་སྐུ་ཚབ་ཕེབས་ཡོད་པ་དང་། མཛད་སྒོའི་དངོས་གཞི་སྐབས་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་མདོ་སྨད་ས་རྒྱུན་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་གནང་སྟེ་གཏམ་བཤད་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོ་དོན་གཅོད་དྲུང་ཆེ་ཚེ་རིང་དོན་འགྲུབ་མཆོག་ནས་མ་འོངས་ལས་དོན་སྒྲུབ་ཕྱོགས་དང་གཞུང་དམངས་བར་གྱི་མཐུན་ལམ་སྐོར་ལ་གསུང་བཤད་གནང་འདུག ས་རྒྱུན་སྐབས་དང་པོའི་བདམས་ཐོན་ཚོགས་གཙོ་དང་ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་བ་ཐུབ་བསྟན་རྒྱ་མཚོ་ཡིས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་དབར་ལ་མཐུན་ལམ་དང་རྒྱབ་སྐྱོར་དགོས་སྐོར་གཏམ་བཤད་གནང་འདུག མཛད་སྒོའི་མཇུག་ཏུ་ས་རྒྱུན་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་བསྟན་པའི་དངོས་འགྲུབ་ཀྱིས་སྐུ་མགྲོན་དང་ལས་གྲོགས་ཡོངས་ལ་ཐུགས་རྗེ་ཆེ་གཏམ་བཤད་གནང་འདུག ས་རྒྱུན་དབུ་བརྙེས་བའི་མཛད་སྒོ་ལ་རྡ་རམ་ས་ལའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བསྔགས་བརྗོད་འཚམས་འཕྲིན་ཞིག་ཀྱང་བཏང་གནང་འདུག ཧྥ་རན་སིའི་ནང་མདོ་སྨད་ས་གནས་རྒྱུན་ལས་འཛུགས་དགོས་བའི་རྒྱུ་མཚན་དང་དམིགས་ཡུལ་ཅི་ཡིན་སྐོར་ས་རྒྱུན་ཚོགས་གཙོ་གསར་བ་ཐུབ་བསྟན་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུས་བར་ཁོང་གིས་གསུངས་དོན། ཧྥ་རན་སིར་གནས་ཞུགས་མདོ་སྨད་པ་ཚང་མ་ཚུར་མཉམ་རུབ་བཟོས་ཏེ་ཐུན་མོང་གཅིག་སྒྲིལ་གྱི་ནུས་པ་གོང་འཕེལ་གཏོང་རྒྱུ་དང་། རང་རྒྱལ་བོད་ཁ་བ་གངས་ཅན་གྱི་སྐད་དང་ཡི་གེ་མི་ཉམས་རྒྱུན་འཛིན་བྱ་རྒྱུ། ལོ་རྒྱུས་ནང་དུ་མདོ་སྨད་ཆོལ་ཁའི་མི་རབས་རྒན་པ་ཚོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་གང་མཆིས་པར་མཐའ་གཅིག་ཏུ་བརྩི་བཀུར་དང་ལེན་གྱིས་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པ་དག་རྒྱུན་འཁྱོངས་བྱ་རྒྱུ་དང་། བོད་ཁ་བ་གངས་ཅན་གྱི་བླ་སྲོག་མགོན་པོ་གང་ཉིད་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་གཞི་མེད་སྐྱོན་བརྗོད་བྱེད་མཁན་ལ་མཐའ་གཅིག་ཏུ་མདོ་སྨད་དབུས་ས་གཉིས་ཀྱིས་དུས་ནས་དུས་སུ་ཁ་གཏད་གཅོག་ངེས་དང་། ཧྥ་རན་སིའི་མདོ་སྨད་ས་རྒྱུན་གྱིས་རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་དེ་མང་གཙོ་དང་ཁྲིམས་མཐུན་གྱི་ཆབ་སྲིད་སྒྲིག་འཛུགས་ལ་ངོས་འཛིན་དང་། གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་དང་མཐུན་པའི་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་དུ་མདོ་སྨད་མི་མང་གིས་ནུས་པ་གང་ཡོད་འཕྱར་གྲུ་མཉམ་འདེགས་བྱ་རྒྱུ། མདོ་སྨད་ས་རྒྱུན་གྱི་ངོས་ནས་བོད་མི་སྤྱི་སྒེར་དབར་དུ་མཐུན་ལམ་བྱ་རྒྱུ་ནི་ལས་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། བོད་མིའི་གཅིག་སྒྲིལ་ནི་སྟོབས་ཤུགས་ཞིག་ལ་ངོས་བཟུང་ཚེ་ལས་དོན་གང་བསྒྲུབ་རུང་མི་འགྲུབ་རྒྱུ་ཡོང་མི་སྲིད་པ་ཞིག་རེད་ཅེས་བརྗོད་བྱུང་།

སིད་སུ།

སིད་སུའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་མི་ཚོས་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག

ཕྱི་ལོ་  ༢༠༡༦   ཟླ་  ༡༢  ཚེས་  ༡༩   རེས་གཟའ་ཟླ་བའི་དགོང་དྲོ་སིད་སུའི་་གྲོང་ཁྱེར་འཛུ་རིག་ཏུ་གནས་སྡོད་རྒྱ་མིའི་གཞུང་ཚབ་ལས་ཁུངས་མདུན་ཐང་དུ་ས་གནས་བོད་རིགས་མི་མང་སྒྲིག་འཛུགས་དང།  བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག (more…)

འཇར་མན།

འཇར་མན་གྱི་ཕྱིར་བསྐྱོད་ལག་ཁྱེར་ནི་འཛམ་གླིང་གི་ལག་ཁྱེར་ཨང་དང་པོ་ཆགས་འདུག

ཉེ་ཆར་དབྱིན་ལན་གྱི་མི་སེར་གནས་སྤོར་ཞིབ་འཇུག་ཁང་The Henly & Partnersཟེར་བའི་༢༠༡༦ ལོའི་འཛམ་གླིང་རྒྱལ་ཁབ་༢༡༩ ཡི་ཕྱིར་བསྐྱོད་ལག་ཁྱེར་གྱི་ཚད་འཛིན་ཨང་རིམ་(Visa Restrictions Index 2016)ལ་ཞིབ་འཇུག་བྱས་བའི་གྲུབ་དོན་སྙན་ཐོ་གསར་བ་ཞིག་བཏོན་ཡོད་པ་ལྟར་ན། འཇར་མན་རྒྱལ་ཁབ་ཀྱི་ཕྱིར་བསྐྱོད་ལག་ཁྱེར་ནི་རྒྱལ་ཁབ་༡༧༧ ནང་དུ་བསྐྱོད་པར་ཐོངས་མཆན་ཞུ་མི་དགོས་བར་ཐད་ཀར་འགྲོ་ཆོག་པའི་ལག་ཁྱེར་ཆགས་ཡོད་པས་ལོ་གཉིས་བསྟུན་མར་ཨང་དང་པོ་ཡིན་པ་དང་། ཨང་གཉིས་པ་ནི་ཡོ་རོབ་སིད་ཊན་རྒྱལ་ཁབ་ཀྱི་ཕྱིར་བསྐྱོད་ལག་ཁྱེར་ཡིན་ལ་རྒྱལ་ཁབ་༡༧༦ ནང་དུ་བསྐྱོད་པར་ཐོངས་མཆན་ཞུ་མི་དགོས་བ་རེད། ཨང་གསུམ་པ་ནི་ཡོ་རོབ་རྒྱལ་ཁབ་ཧྥིན་ལན་ཊིFinland དང་ཧྥ་རན་སི། ཨིས་ཊ་ལིས། སི་པན། དབྱིན་ལན་བཅས་ཀྱི་ཕྱིར་བསྐྱོད་ལག་ཁྱེར་ཡིན་ལ་རྒྱལ་ཁབ་༡༧༥ ལ་ཐོངས་མཆན་ཞུ་མི་དགོས་བ་དང་། ཨང་བཞི་བ་ནི་སྤེལ་ལྗམ་དང་ཧོ་ལན་ཊི། ཊན་མག ཨ་རི་བཅས་ཀྱི་ཕྱིར་བསྐྱོད་ལག་ཁྱེར་ཡིན་ལ་རྒྱལ་ཁབ་༡༧༤ལ་བསྐྱོད་པར་ཐོངས་མཆན་དགོས་ཀྱི་མེད་པ་རེད། ཨང་ལྔ་བ་ནི་ཨོ་སི་ཁྲི་རེའི་ཡ་དང་འཇར་པན་ཡིན་ལ་རྒྱལ་ཁབ་༡༧༣ ནང་བསྐྱོད་པར་ཐོངས་མཆན་ཞུ་དགོས་ཀྱི་མེད། ཨང་དྲུག་པ་ནི་ཁ་ན་ཊ་དང་ཀོ་རིའི་ཡ།

འཇར་མན་སྲིད་བློན་ལྕམ་ཨན་ཇི་ལ་མར་ཁེལ་ལ་རྒྱབ་སྐྱོར་གྱི་ཚད་མར་ཟགས་འདུག

ཁ་སང་ཚེས་༣༠ཉིན། འཇར་མན་༼Focus༽ དུས་དེབ་ཀྱིས་དམངས་ཁྲོད་དུ་བསམ་ཚུལ་བསྡུས་བ་ལྟར་ན། འཇར་མན་ནང་གི་མི་བརྒྱ་ཆའི་བཞི་བཅུ་ཙམ་གྱིས་སྲིད་བློན་ཨན་ཇི་ལ་མར་ཁེལ་ལགས་འཇར་མན་སྲིད་བློན་ནས་དགོངས་པ་ཞུ་དགོས་བའི་བསམ་ཚུལ་བྱུང་ཡོད་ལ། དེའི་རྒྱུ་མཚན་ནི་ན་ནིང་ཨན་ཇི་ལ་མར་ཁེལ་གྱིས་འཇར་མན་ནང་སྐྱབས་བཅོལ་བ་མི་གྲངས་ས་ཡ་གཅིག་ལྷག་ཙམ་སླེབས་ཏུ་བཅུག་ཡོད་ལ། སྐྱབས་བཅོལ་བ་ཚོས་འཇར་མན་ནང་དཀའ་རྙོག་མང་པོ་བཟོས་ཡོད་པས་ལྕམ་ཨན་ཇི་ལ་མར་ཁེལ་གྱིས་སྐྱབས་བཅོལ་ཐོག་འཛིན་པའི་སྲིད་ཇུས་ལ་འདོད་བློ་མ་ཁེངས་བའི་རྐྱེན་གྱིས་ཡིན་འདུག་ལ། (more…)

Top